ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བུ་ཆུང་ང་རང་ཞེས་པའི་གླུ་དབྱངས་ཤིག་དང་སློབ་གྲོགས་ཆུང་ཆུང་ཚོས་མཉམ་ལེན་བྱས་པའི་ཨ་རྩེད་ཅིག་བཀོད་སྒྲིག་བྱས་ཡོད།
༢ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རི་བོང་དང་སྤྲེའུ། ཝ་མོ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཅིག་དང་ང་ཆུང་ཡང་ཁྱེད་ལ་དགོས་མཁོ་ཆེ་ཞེས་པའི་གཏམ་རྒྱུད་ཅིག
༣རིག་པའི་སྐར་ཁུང་གི་ནང་དུ་བྱིས་པར་སྐྱོན་བརྗོད་བྱེད་དུས་ཕྱོགས་གང་དག་ལ་མཉམ་འཇོག་བྱ་དགོས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289