【ཅོ་ཀའི་དྲུག་འགྱུར】ནང་དུ་ང་ཡི་སྲིང་ཆུང་ལོ་ལོ་ཞེས་པའི་རྡུང་ལེན་ཞིག་དང་ཕ་ཡུལ་ཞེས་པའི་བྱིས་གླུ་ཞིག་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རིས་སྒྲུང་གྲགས་ཅན་སོ་མི་བཀྲུ་བའི་དོམ་ཕྲུག་དཔལ་ལྡན་ཞེས་པ་དང་སློབ་ཁྲིད་ཅེས་པའི་གར་ཆུང་ཞིག་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས་ང་རང་ཁ་བ་ལ་དགའ་ཞེས་པ་དང་བདེ་ཐང་ཤེས་བྱ་ལས་ཆམ་པ་ཕོག་རྗེས་ཁ་ཐུམ་བརྒྱབ་ན་ཕན་པ་ཡོད་ཅེས་པ་བཀོད་སྒྲིག་བྱས་ཡོད།
རིས་སྒྲུང་གྲགས་ཅན་སོ་མི་བཀྲུ་བའི་དོམ་ཕྲུག་དཔལ་ལྡན་ཞེས་པའི་གདོང་ཤོག
སོ་བཀྲུ་རྒྱུ་མི་དགའ་བའི་དོམ་ཕྲུག་དཔལ་ལྡན།
གྲོགས་པོས་འཕྱ་སྨོད་བྱེད་བཞིན་པའི་དོམ་ཕྲུག་དཔལ་ལྡན།
ཕ་མ་དང་ལྷན་དུ་སོ་འཁྲུད་བཞིན་པའི་དོམ་ཕྲུག་དཔལ་ལྡན།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་པ། བསམ་འགྲུབ་མཚོ།
རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb