ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རེ་བའི་བུ་མོ་ཞེས་པའི་གླུ་དབྱངས་ཤིག་དང་གངས་ཅན་བྱིས་གླུ་ལས་ཕ་རོལ་གན་ན་སྡོང་བོ་ཞིག་ཞེས་པའི་བྱིས་གླུ་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་ཁྲོད་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བཤད་པའི་གཏམ་རྒྱུད་དང་ཨ་ཁུ་འབྲོང་གི་ཁ་གསེར་ཁ་རེད་ཅེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག་བཤད་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་གྲོགས་པོ་ཆུང་ཆུང་ཚོ་ཁྱིམ་དུ་སྡོད་སྐབས་ཀྱི་རིམས་འགོག་ཤེས་བྱ་ཐུང་ངུ་ཞིག་དང་ཇི་ལྟར་བྱིས་པའི་སློབ་སྦྱོང་དང་འཚོ་བའི་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱ་དགོས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།
རེ་བའི་བུ་མོ་ཞེས་པའི་གླུ་དབྱངས་ལེན་མཁན། སློབ་རའི་གཞས་མ་ཆུང་ཆུང་གངས་ཅན་སྒྲོལ་མ།
གྲོགས་པོ་ཆུང་ཆུང་ཚོ་ལུས་ཕུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྨོན།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289