ན་ཆུང་བྱིས་པའི་དགའ་ཚལ། བྱ་རོག་གི་ལེགས་བཤད།
2022.11.22 ཁུངས། ཀློག་གྲངས། 83

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་ང་ཡི་རྫོང་རུ་སློབ་ཆུང་ཞེས་པ་དང་འཛོམས་པ་ཡག་མོ་ཞེས་པའི་གླུ་དབྱངས་གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བླངས་པའི་གེ་སར་སྒྲུང་གླུ་ཐུང་ངུ་ཞིག་དང་བྱ་རོག་གི་ལེགས་བཤད་ཅེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག་བཤད་ཡོད།

【རིག་པའི་སྐར་ཁུང】ནང་དུ་ས་སྨྱུག་ཅེས་པའི་རྩོམ་ཐུང་ཡག་ཤོས་ཤིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་དང་ཐེངས་སྔོན་མའི་ལེ་ཚན་གྱི་མཇུག་མཐུད་དེ་བྱིས་པར་ཆད་པ་གཅོད་ཚུལ་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289