ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་རའི་གཞས་པ་ཆུང་ཆུང་སྒྲོལ་མ་སྐྱབས་ཀྱིས་བླངས་པའི་བུ་ཆུང་ང་རང་ཞེས་པའི་གླུ་དབྱངས་ཤིག་དང་སེམས་པ་སེམས་ཀྱིས་ཤེས་ཡོད་ཅེས་པའི་རྡུང་ལེན་ཞིག་བཀོད་སྒྲིག་བྱས་ཡོད།
༢ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་སྟེང་གངས་ལུང་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་གསུམ་གྱིས་བཤད་པའི་གནའ་གཏམ་བཀོད་སྒྲིག་བྱས་ཡོད།
༣རིག་པའི་སྐར་ཁུང་གི་ནང་དུ་དགུན་གནང་སྐབས་སུ་རང་ཁྱིམ་ནས་ཇི་ལྟར་སློབ་སྦྱོང་བྱས་ན་ལེགས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289