ན་ཆུང་བྱིས་པའི་དགའ་ཚལ། གཞས་པ་ཆུང་ཆུང་ཀརྨ་ལྷག་པའི་བྱིས་གླུ་ལོ་སར་ཚེས་བྱུང་།
2023.02.06 ཁུངས། ཀློག་གྲངས། 157

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་ཀརྨ་ལྷག་པས་བླངས་པའི་བྱིས་གླུ་ལོ་སར་ཚེས་བྱུང་ཞེས་པ་དང་གྲོགས་པོ་ཆུང་ཆུང་མེ་ཏོག་ལྷ་མོས་བླངས་པའི་བྱིས་གླུ་རེ་བའི་བུ་མོ་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བཤད་པའི་གནའ་གཏམ་དང་བྱིས་སྒྲུང་དོམ་ཕྲུག་དཔལ་ལྡན་ཞེས་པ་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས་བདག་གི་དགེ་རྒན་ཞེས་པའི་བྱིས་རྩོམ་ཞིག་དང་བདེ་ཐང་ཤེས་བྱ་ལས་ལྟོ་སྟོང་སྐབས་ཀྱི་འཛེམ་བྱ་བདུན་ཞེས་པ་བཅས་བཀོད་སྒྲིག་བྱས་ཡོད།

གཞས་པ་ཆུང་ཆུང་ཀརྨ་ལྷག་པ།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་པ། ཚེ་མགོན་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 15202581289

སྐད་འཕྲིན། boyutb