ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞོན་ནུའི་རེ་འདུན་ཞེས་པ་དང་ཨ་ཆེན་ཐང་ཞེས་པའི་གླུ་དབྱངས་གཉིས་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་མཚེའུ་མེ་ལོང་ཞེས་པའི་གཏམ་རྒྱུད་ཅིག་ཀློག་འདོན་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་ཐད་ཀྱི་ཤེས་བྱ་ཐུང་ངུ་གཉིས་ངོ་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289