ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
【ཅོ་ཀའི་དྲུག་འགྱུར】ནང་དུ་ལྷ་མོ་གཡང་འཛོམས་ཀྱིས་བླངས་པའི་སེང་གེ་ཞེས་པ་དང་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་ང་ནི་གངས་ལྷ་མེ་ཏོག་རྐང་གཅིག་ཡིན་ཞེས་པའི་གླུ་དབྱངས་གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བུ་དགའ་བ་འབུམ་གྱིས་རྟ་བཏུལ་བ་ཞེས་པའི་གཏམ་རྒྱུད་ཅིག ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་ལས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ཤེས་བྱ་ཡོད་ཚད་དཔེ་དེབ་ཏུ་ཡོད་པར་མ་ངེས་ཞེས་པ་དང་དབྱར་གནང་གི་དུས་སྐབས་ནི་གྲོགས་པོ་ཆུང་ཆུང་ཚོས་རང་མོས་སྒོས་དཔེ་ཀློག་བྱེད་པའི་དུས་སྐབས་ལེགས་ཤོས་ཤིག་ཡིན་ཞེས་པའི་ཤེས་བྱ་ཐུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289