ན་ཆུང་བྱིས་པའི་དགའ་ཚལ། ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ།
2023.08.31 ཁུངས། ཀློག་གྲངས། 166

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད།རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་ཨ་ཁུ་པདྨ་ཞེས་པའི་རྡུང་ལེན་ཞིག་དང་གཡང་ལྷ་མོས་བླངས་པའི་སློབ་གྲྭར་འགྲོ་ཞེས་པའི་གླུ་དབྱངས་ཤིག་བཀོད་སྒྲིག་བྱས་ཡོད།

༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་ཨ་ཁུ་ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་བྱིས་པའི་རིག་སྟོབས་འཕེལ་བར་ཕན་འབྲས་ལྡན་པའི་སློབ་གསོའི་བྱ་ཐབས་འགའ་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289