ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
【ཅོ་ཀའི་དྲུག་འགྱུར】ནང་དུ་ཕག་མོ་ཌཱཀིས་བླངས་པའི་གླུ་དབྱངས་ཨ་རྩེད་ད་རྩེད་ཅེས་པ་དང་བསྟན་འཛིན་དཔལ་ལྡན་གྱིས་བླངས་པའི་རྡུང་ལེན་ང་ཡི་སྲིང་ཆུང་མ་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རང་རེའི་བོད་ཀྱི་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་གཡུ་ཡི་རིལ་མ་གཏོང་བའི་གཡང་ལུག་ཅེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག གཞན་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་སློབ་ཆུང་གི་དུས་སྐབས་སུ་གལ་ཆེ་བ་གསུམ་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289