ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་གསུམ་བཀོད་སྒྲིག་བྱས་ཡོད།
【ཅོ་ཀའི་དྲུག་འགྱུར】ནང་དུ་གཅོད་པ་སྐྱིད་ཀྱིས་བླངས་པའི་གླུ་དབྱངས་གཞོན་ནུའི་རེ་འདུན་ཞེས་པ་དང་ཕག་མོ་ཌཱ་ཀིས་བླངས་པའི་གླུ་དབྱངས་ཨ་རྩེད་ད་རྩེད་ཅེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རང་རེའི་བོད་ཀྱི་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་སྤྲེལ་ཕྲུག་པྲ་ཚགས་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་དཔེ་དེབ་བཟང་པོ་དགེ་བའི་བཤེས་གཉེན་འདྲ་ཞེས་པའི་རྩོམ་ཐུང་ཡག་པོ་ཞིག་དང་འབྲེལ་ནས་ཕ་མ་ཚོས་བྱིས་པ་ཚོ་དང་མཉམ་དུ་དཔེ་ཆར་བལྟ་ཀློག་དང་དཔེ་དེབ་འདེམས་རོགས་བྱ་དགོས་ཚུལ་གྱི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།