【ན་ཆུང་བྱིས་པའི་དགའ་ཚལ】 རི་བོང་དང་རུས་སྦལ་གྱི་རྒྱུག་འགྲན།
2023.11.23 ཁུངས། ཀློག་གྲངས། 0

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད་ཀྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་རྡུང་ལེན《ཨ་ཁུ་པད་མ》དང་མིང་སྲིང་ཚན་སྡེབ་ཀྱིས་བླངས་པའི་གླུ་དབྱངས《ལུས་རྩལ་པ་ཆུང་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རང་རེའི་བོད་ཀྱི་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་འབའ་ཚེར་ལགས་ཀྱི་གསར་བཅོས་གཏམ་རྒྱུད《རི་བོང་དང་རུས་སྦལ་གྱི་རྒྱུག་འགྲན》དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་བརྡལ་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།