ན་ཆུང་བྱིས་པའི་དགའ་ཚལ། བྱིས་པ་ཁ་པར་གྱི་སྒྲོག་ཏུ་ཚུད་མི་རུང་།
2023.12.06 ཁུངས། ཀློག་གྲངས། 50

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་དུ་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་ཀླུ་མོ་ཡག་གིས་བླངས་པའི་གླུ་དབྱངས《ང་ཡི་རྫོང་རུ་སློབ་གྲྭ》དང་བསོད་ནམས་ནོར་བུས་བླངས་པའི་གླུ་དབྱངས《ན་ཆུང་ཚོ》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་དཔེ་རྡོ་རྗེ་ལྕེ་ཐོག་ཅེས་པ་དང་ཕྱུག་པོའི་བུ་དང་དབུལ་བོའི་བུ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་བྱིས་པ་ཁ་པར་གྱི་སྒྲོག་ཏུ་ཚུད་མི་རུང་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།