【ན་ཆུང་བྱིས་པའི་དགའ་ཚལ】བུ་དགའ་བ་འབུམ་གྱིས་རྟ་བཏུལ་བ།
2023.12.25 ཁུངས། ཀློག་གྲངས། 0

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཚན་པ་ཆུང་ངུ་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད་གཉིས་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་རྡུང་ལེན《ཨ་ཁུ་པདྨ》དང་གླིང་མཚོ་སྐྱིད་ཀྱིས་བླངས་པའི་གླུ་དབྱངས《མཐོ་སྒང་གི་མེ་ཏོག》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རང་རེའི་བོད་ཀྱི་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བུ་དགའ་བ་འབུམ་གྱིས་རྟ་བཏུལ་བ་ཞེས་པའི་གཏམ་རྒྱུད་ཅིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་ཡོད་ལ། གཞན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་གྲོགས་པོ་ཆུང་ཆུང་གཉིས་ཀྱིས་བཤད་པའི་གནའ་གཏམ་བཅས་བཀོད་སྒྲིག་བྱས་ཡོད།

བློ་དང་ལྡན་ན་ཉམས་ཆུང་ཡང་། །

སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད། །

རི་དྭགས་རྒྱལ་བོ་སྟོབས་ལྡན་ཡང་། །

རི་བོང་བློ་དང་ལྡན་པས་བསད། །

                                                                       ས་སྐྱ་ལེགས་བཤད་ལས་དྲངས།།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།