【ན་ཆུང་བྱིས་པའི་དགའ་ཚལ】ས་འགུལ་སྐབས་ཀྱི་རྒྱུན་ཤེས་ཐུང་ངུ་།
2023.12.27 ཁུངས། ཀློག་གྲངས། 0

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད།རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་གྲོགས་པོ་ཆུང་ཆུང་གཉིས་ཀྱིས་བླངས་པའི་གླུ་ཤགས་དང་ལས་དབང་ལྷ་མོས་བླངས་པའི་གླུ་དབྱངས《ཙོང་ཁའི་མེ་ཏོག》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རང་རེའི་བོད་ཀྱི་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་སྦྱིན་པ་བཏང་བའི་ཟས་མི་ཟ་ཞེས་པའི་གཏམ་རྒྱུད་ཅིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་ཡོད་ལ། གཞན་སློབ་གྲོགས་བན་དེ་ཚེ་རིང་གིས་བཤད་པའི་སྦྱིན་པ་གཏོང་བའི་སྡོང་བོ་ཞེས་པ་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ས་འགུལ་བྱུང་ཚེ་གྲོགས་པོ་ཆུང་ཆུང་ཚོས་ཇི་ལྟར་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།