ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
【ཅོ་ཀའི་དྲུག་འགྱུར】ནང་དུ་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་གླུ་དབྱངས《ང་དང་ང་ཡི་སློབ་གྲོགས་ཚོ》དང་གཅོད་པ་སྐྱིད་ཀྱིས་བླངས་པའི་གླུ་དབྱངས《ན་གཞོན་གྱི་རེ་འདུན》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རང་རེའི་བོད་ཀྱི་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་འུག་པའི་གཏམ་རྒྱུད་ཅེས་པ་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་གྲལ་མཚེས་རྙིང་བ་ཞེས་པའི་རྩོམ་ཐུང་ལེགས་པོ་ཞིག་དང་བྱིས་པ་དཔེ་ཀློག་ལ་འཇུག་པའི་ཐབས་ཤེས་འགའ་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།