【ན་ཆུང་བྱིས་པའི་དགའ་ཚལ།】བྱིས་སྒྲུང་ཁྲོན་པའི་ནང་གི་སྦལ་བ།
2024.04.16 ཁུངས། ཀློག་གྲངས། 0

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་ཕུར་བུ་འཕྲིན་ལས་ཀྱིས་བླངས་པའི་བྱིས་གླུ་སློབ་མ་ཆུང་ཆུང་ཞེས་པ་དང་གནམ་སྐྱིད་སྒྲོལ་མས་བླངས་པའི་བྱིས་གླུ་སྙིང་གི་གཅེས་ཕྲུག་ཅེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རྩི་གོར་ཐང་གྲོང་བརྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་ཀླུ་མོ་གཡང་འཛོམས་ཀྱིས་བཤད་པའི་བྱིས་སྒྲུང་ཁྲོན་པའི་ནང་གི་སྦལ་བ་དང་གནའ་གཏམ་བྱ་ཤུབས་རྒྱལ་བུ་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་བྱིས་པའི་སློབ་གསོ་གླེང་བའི་གཏམ་ལས་ཁ་པར་གྱི་གནོད་འཚེ་སྐོར་གྱི་ཁག་གཉིས་པ་དང་། རི་མོར་བལྟས་ཏེ་རྩོམ་ཡིག་འབྲི་ཚུལ་ལས་རྐང་རྩེད་སྤོ་ལོ་རྩེད་པ་ཞེས་པ་བཀོད་སྒྲིག་བྱས་ཡོད།

གྲ་མང་ཉེས་པ་འཛིན་པའི་རྒྱུ། །

མི་སྨྲ་ཉེས་པ་སྤོང་བའི་གཞི། །

ནེ་ཙོ་སྨྲ་བས་གཟེབ་ཏུ་བཅུག །

འདབ་ཆགས་ལྐུགས་པ་བདེ་བར་རྒྱུ། །

ས་སྐྱ་ལེགས་བཤད་ལས་དྲངས།

རི་མོར་བལྟས་ཏེ་རྩོམ་ཡིག་འབྲི་ཚུལ་ལས་རྐང་རྩེད་སྤོ་ལོ་རྩེད་བ་ཞེས་པ།

རྩི་གོར་ཐང་གྲོང་བརྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་ཀླུ་མོ་གཡང་འཛོམས།

རྩོམ་སྒྲིག་པ་དང་མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།