【ན་ཆུང་བྱིས་པའི་དགའ་ཚལ། 】རང་བྱུང་ཁམས་དང་འགྲོ་བ་མི།
2024.04.21 ཁུངས། ཀློག་གྲངས། 0

【ཅོ་ཀའི་དྲུག་འགྱུར】ནང་དུ་གངས་ཅན་བྱིས་གླུ་ལས《ཐེ་པོ་པོ》དང་སློབ་གྲོགས་ཟོན་ཐར་སྐྱིད་ཀྱིས་བླངས་པའི་དམངས་གླུ《ཁྲོམ་ཆེན་པོའི་དཀྱིལ་ནས་གླུ་ཞིག་བླངས》ཞེས་པ་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་ཨ་ཅེ་གུ་རུ་མཚོ་མོས་བཤད་པའི་གནའ་གཏམ《གསེར་རྫ་མ་གང》དང་ལེགས་བཤད་གཏམ་རྒྱུད་ལས《རི་བོང་ཅལ་འདྲོགས》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་བྱིས་པའི་སློབ་གསོ་གླེང་བའི་གཏམ་ལས་ཁ་པར་གྱི་གནོད་འཚེ་སྐོར་གྱི་ཁག་གསུམ་པ་དང་། ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས་རང་བྱུང་ཁམས་དང་འགྲོ་བ་མི་ཞེས་པ་བཀོད་སྒྲིག་བྱས་ཡོད།

བློ་ལྡན་བྱ་བ་ཅུང་ཟད་ཀྱང་། །

རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ། །

གྲུབ་པར་གྱུར་ན་ལྟ་ཅི་སྨོས། །

མ་འགྲུབ་ན་ཡང་མཛེས་པའི་རྒྱུ། །

ས་སྐྱ་ལེགས་བཤད་ལས་དྲངས། 

བྱིས་རྩོམ་རང་བྱུང་ཁམས་དང་འགྲོ་བ་མི་ཞེས་པའི་བར་བཅུག་པར་རིས།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བཀྲ་ཤིས་རྒྱ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།