【ན་ཆུང་བྱིས་པའི་དགའ་ཚལ།】ཤེས་ལྡན་པས་དཔེ་ཆ་གླེང་བ།
2024.04.24 ཁུངས། ཀློག་གྲངས། 0

【ཅོ་ཀའི་དྲུག་འགྱུར】ནང་དུ་གངས་ཅན་བྱིས་གླུ་ལས《རྨིག་པ་ཅན་གྱི་ཤ་གཟན་གསུམ》དང་སློབ་གྲོགས་ཚེ་རིང་མཚོས་བླངས་པའི་དམངས་གླུ《ཞང་ཨ་ལོང་ལ་མོ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་ཨ་ཅེ་གུ་རུ་མཚོ་མོས་བཤད་པའི་གནའ་གཏམ《མིང་སྲིང་གཉིས་ཀྱི་གཏམ་རྒྱུད》དང་འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན《སྤྱང་པོ་དང་གླེན་པ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱུང་བ་ངོ་སྤྲོད་མདོར་བསྡུས་དང་། དཔེ་ཆ་ཀློག་ཐབས་ལས་ན་ཆུང་སློབ་མར་དཔེ་ཀློག་ཇི་ལྟར་མཛུབ་སྟོན་བྱེད་ཐབས།  དེ་མིན་ཤེས་ལྡན་པས་དཔེ་ཆ་གླེང་བ་ཞེས་པ་བཅས་བཀོད་སྒྲིག་བྱས་ཡོད།

བླུན་པོ་ལོག་པའི་ལམ་འགྲོ་ན། །

བླུན་པོ་ཉིད་དུ་གོ་བས་ཆོག །

མཁས་པ་ལོག་པའི་ལམ་འགྲོ་ན། །

རྒྱུ་མཚན་གང་ཞིག་དཔྱད་དགོས་སོ། །

ས་སྐྱ་ལེགས་བཤད་ལས་དྲངས། 

དཔེ་ཆ་ཀློག་ཐབས་ལས་ན་ཆུང་སློབ་མར་དཔེ་ཀློག་ཇི་ལྟར་མཛུབ་སྟོན་བྱེད་ཐབས།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།