【ན་ཆུང་བྱིས་པའི་དགའ་ཚལ།】རྒོད་མའི་བུ་ལྕགས་ཐར་རྒྱལ།
2024.04.30 ཁུངས། ཀློག་གྲངས། 0

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བསོད་ནམས་གཡང་སྐྱིད་ཀྱིས་བླངས་པའི་བྱིས་གླུ《ཨ་ཁུ་ཉི་མ》དང་རྡོ་རྗེ་མཚོས་བླངས་པའི་བྱིས་གླུ《བུ་མོ་ཆུང་ཆུང》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་གཡང་སྐྱིད་ལྷ་མོས་བཤད་པའི་གནའ་གཏམ《རྒོད་མའི་བུ་ལྕགས་ཐར་རྒྱལ》དང་རིས་སྒྲུང《འབུ་བརྒྱས་དཔོན་ས་རྩོད་པ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་དཔེ་ཆ་ཀློག་ཐབས་ལས་ན་ཆུང་སློབ་མར་དཔེ་ཀློག་ཇི་ལྟར་མཛུབ་སྟོན་བྱེད་ཐབས་ཀྱི་ཁག་གཉིས་པ་དང་།  ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས་དཔེ་ཆ་ཉོ་བ་བཅས་བཀོད་སྒྲིག་བྱས་ཡོད།

རང་ལ་བློ་གྲོས་མི་ལྡན་ན། །

བློ་ཆེན་གཞན་ལ་ལེགས་པར་འདྲི། །

ལག་པས་དགྲ་བོ་མི་སོད་ན། །

མཚོན་ཆ་ལེན་པར་མི་བྱེད་དམ། །

ས་སྐྱ་ལེགས་བཤད་ལས་དྲངས།

ན་ཆུང་སློབ་མར་དཔེ་ཀློག་ཇི་ལྟར་མཛུབ་སྟོན་བྱེད་ཐབས།

རིས་སྒྲུང《འབུ་བརྒྱས་དཔོན་ས་རྩོད་པ》ཞེས་པའི་བར་བཅུག་པར་རིས།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། དབང་གྲགས།