【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་རིག་འཛིན་སྒྲོལ་མས་བླངས་པའི་བྱིས་གླུ《བྱེའུ་ལ་དབང་བའི་ནམ་མཁའ》དང་ཕུལ་བྱུང་ལྷ་མོས་བླངས་པའི་བྱིས་གླུ《ཕ་མ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་ཕག་མོ་འཛོམས་སྐྱིད་ཀྱིས་བཤད་པའི་གནའ་གཏམ《སྟག་དང་རི་བོང》དང་རིས་སྒྲུང་གྲགས་ཅན《བུ་ཆུང་བློ་ལྡན་དང་འདྲེ་དམར་ལྡང》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་བྱིས་སྒྲུང་ལ་ལྟ་ཀློག་བྱེད་སྟངས་དང་། ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས་ཨ་མ་ལགས་ཁྱོད་རང་རྒས་ཀྱིན་འདུག་ཅེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
བློ་ཆུང་མང་དུ་འདུས་ན་ཡང་། །
བྱ་བ་ཆེན་པོ་བསྒྲུབ་མི་ནུས། །
རྩི་རྐྱང་མང་དུ་བསྡམས་ན་ཡང་། །
ཁང་པའི་གདུང་མ་བཟོད་པར་དཀའ། །
ས་སྐྱ་ལེགས་བཤད་ལས་དྲངས།
སེམས་སྡུག་གིས་མནར་བའི་བུ་ཆུང་བློ་ལྡན་དང་ཁོའི་ཕ་ལགས།
བུ་ཆུང་བློ་ལྡན་གྱི་ཁོང་ཁྲོ་ལས་འདྲེ་དམར་ལྡང་བྱུང་བ།
བུ་ཆུང་བློ་ལྡན་དང་འདྲེ་དམར་ལྡང་བར་གྱི་འགལ་བ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།