ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
【ཅོ་ཀའི་དྲུག་འགྱུར】ནང་དུ་ཕག་མོ་བདེ་སྐྱིད་ཀྱིས་བླངས་པའི་གླུ་དབྱངས《ང་དང་བྱིའུ་ཆུང》དང་པདྨ་འཕྲིན་ལས་ཀྱིས་བླངས་པའི་རྡུང་ལེན《ང་ཡི་སྲིང་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་རང་གི་དཔེ་ཀློག་མྱོང་ཚོར་བཤད་ཡོད།
【རིག་པའི་སྐར་ཁུང】ནང་དུ་བྱིས་པ་གནད་དོན་གང་ལ་འཕྲད་ཀྱང་སྦ་གསང་མེད་པར་ཕ་མར་ཇི་བཞིན་བཤད་ཕོད་པའི་གོམས་གཤིས་འཇགས་པར་བྱ་དགོས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་མཉམ་སྤྱོད་བྱས་ཡོད།
ཐེངས་འདིའི་ལེ་ཚན་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་ཕག་མོ་གཡང་འཛོམས་དང་ཕག་མོ་མེ་སྒྲོལ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།