ན་ཆུང་བྱིས་པའི་དགའ་ཚལ། བྱིས་པའི་སེམས་ནང་གི་ཁྱིམ་ཚང་ཡག་ཤོས་དེ་ག་འདྲ་ཞིག་ཡིན་ངེས།
2024.05.13 ཁུངས། ཀློག་གྲངས། 38

  ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་གླིང་མཚོ་སྐྱིད་ཀྱིས་བླངས་པའི་གླུ་དབྱངས《མཐོ་སྒང་གི་མེ་ཏོག》དང་ཨོ་རྒྱན་སྐྱིད་ཀྱིས་བླངས་པའི་གླུ་དབྱངས《ཞོགས་པའི་ཉི་འོད》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་རི་བོང་དང་བོང་བུ་ཞེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་བརྡལ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་གུ་རུ་འཚོ་དང་ཚེ་དབང་འཚོ་གཉིས་ཀྱིས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་བྱིས་པའི་སེམས་ཀྱི་ཁྱིམ་ཚང་ཡག་ཤོས་དེ་ནི་ག་འདྲ་ཞིག་ཡིན་ངེས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་མཉམ་སྤྱོད་བྱས་ཡོད།

ཐེངས་འདིའི་ལེ་ཚན་ཁྲོད་གནའ་གཏམ་བཤད་མཁན། སློབ་གྲོགས་ཆུང་ཆུང་ཚེ་དབང་འཚོ་དང་གུ་རུ་འཚོ།


མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།