【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་གནམ་སྐྱིད་སྒྲོལ་མས་བླངས་པའི་བྱིས་གླུ《སྙིང་གི་གཅེས་ཕྲུག》དང་བཀྲ་ཤིས་སྒྲོལ་མས་བླངས་པའི་བྱིས་གླུ《མེ་ཏོག་འཐུ་བའི་བྱིས་པ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རིས་སྒྲུང《ཁྱི་དང་བྱི་ལ》དང་གྲོགས་པོ་ཆུང་ཆུང་ཀླུ་མོ་གཡང་འཛོམས་ཀྱིས་བཤད་པའི་བྱིས་སྒྲུང་《ཁྲོན་པའི་ནང་གི་སྦལ་བ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་རང་ཁྱིམ་ནས་སློབ་སྦྱོང་བྱེད་སྟངས་དང་། ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས་རང་སེམས་སུ་ཉར་བའི་འདས་དོན་ཞིག་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
དམ་པ་དུལ་བས་རང་གཞན་སྐྱོང་། །
ངན་པ་རེངས་པས་རང་གཞན་སྡུག །
འབྲས་ལྡན་ཤིང་གིས་རང་གཞན་སྲུང་། །
ཤིང་སྐམ་རེངས་པས་རང་གཞན་སྲེག །
ས་སྐྱ་ལེགས་བཤད་ལས་དྲངས།
རིས་སྒྲུང《ཁྱི་དང་བྱི་ལའི་གཏམ་རྒྱུད》ཀྱི་བར་བཅུག་རི་མོ།
བྱིས་སྒྲུང་གྲགས་ཅན《ཁྲོན་པའི་ནང་གི་སྦལ་བ》ཞེས་པའི་བར་བཅུག་རི་མོ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།