【ཅོ་ཀའི་དྲུག་འགྱུར】ནང་དུ་ཁྲི་ཀ་རྫོང་ཨ་མའི་ནོར་བུ་བྱིས་སྐྱོང་ཁང་དང་བདེ་སྐྱིད་མེ་ཏོག་བྱིས་སྐྱོང་ཁང་། དེ་མིན་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་དང་རྨ་ཆེན་རྫོང་རྟ་བོའི་ཁྱེའུ་ཆུང་ཁང་བཅས་ཀྱི་གྲོགས་པོ་ཆུང་ཆུང་ཚོས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བའི་བཀྲ་ཤིས་སྨོན་ཚིག་དང་བྱིས་གླུ་དག་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རིས་སྒྲུང《ཤིང་སྡོང་སྟེང་གི་གྲོགས་པོ་དག》དང་དབྱངས་ཅན་ལྷ་མོའི་གྱེར་འདོན《དྲུག་གཅིག་བྱིས་པའི་དུས་ཆེན》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བྱུང་བ་ངོ་སྤྲོད་དང་སློབ་གསེང་སྐབས་ཀྱི་ཀློག་འདོན་ཁག་གཉིས་པ་བཀོད་སྒྲིག་བྱས་ཡོད།
མཁས་པ་རྣམས་ཀྱིས་དཔྱད་པ་ཡི། །
ཤེས་བྱ་ཤེས་ན་མཁས་པར་བགྲང་། །
བ་ལང་རྒན་གཞོན་དཔྱོད་པ་ལ། །
བླུན་པོ་མཁས་ཀྱང་ཡོན་ཏན་མིན། །
ས་སྐྱ་ལེགས་བཤད་ལས་དྲངས།
འཕྱོར་ལྭ་སྤྲས་པའི་ན་ཆུང་གྲོགས་པོ་ཆུང་ཆུང་ཚོའི་མཉམ་པར།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།