ཐེངས་འདིའི་ལེ་ཚན་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོ་བོད་ཡིག་སློབ་ཆུང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་ལས་སློབ་བུ་ཆུང་ཆུང་ཚོས་བླངས་པའི་གླུ་དབྱངས་དང་སྒྲུང་གླུ་སོགས་བཀོད་སྒྲིག་བྱས་ཡོད་དེ།
【ཅོ་ཀའི་དྲུག་འགྱུར】ནང་དུ་དཔལ་གཡང་དང་འཇིགས་མེད་ཀུན་གྲོས་གཉིས་ཀྱིས་བླངས་པའི་གླུ་དབྱངས《མ་ཡུམ་སློབ་གྲྭ》དང་འཇིགས་མེད་ཀུན་གྲོས་ཀྱིས་བླངས་པའི་གླུ་དབྱངས《ང་ནི་སློབ་མ་ཆུང་ཆུང་ཡིན》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་སློབ་གྲྭ་འདི་གའི་སློབ་བུ་ཆུང་ཆུང་ཚོས་བླངས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་རྟ་རྒྱུག་རྒྱལ་འཇོག་ཁྲོད་ཀྱི་སྒྲུང་གླུ་ཚན་པ་འགའ་བཀོད་སྒྲིག་བྱས་པ་བརྒྱུད་སྒྲུང་གླུ་ལེན་མཁན་སློབ་བུ་ཆུང་ཆུང་གངས་སྐྱབས་ལ་ཁ་པར་གྱི་སྐུད་ལམ་ནས་བཅར་འདྲི་ཐུང་ངུ་ཞིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་བྱིས་པའི་ཀུན་སྤྱོད་སློབ་གསོ་ལས་བྱིས་པར་ཆུང་ངུའི་དུས་ནས་སོ་བཀྲུ་རྒྱུ་སློབ་པའི་དགོས་པ་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
འཛུགས་སྐྲུན་ཡུལ་ཚོ་བོད་ཡིག་སློབ་ཆུང་གི་སློབ་སྟོན་ལས《རྟ་རྒྱུག་ནོར་བུ་ཆ་བདུན》འཁྲབ་སྟོན་གྱི་ཟུར་འགའ་ཞིག
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།
ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།