【ན་ཆུང་བྱིས་པའི་དགའ་ཚལ།】བསླབ་ཚན་ཟློས་གར། ར་མ་དང་སྤྱང་ཀི
2024.06.18 ཁུངས། ཀློག་གྲངས། 115

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བསྟན་འཛིན་དབང་མོས་བླངས་པའི་བྱིས་གླུ《མེ་ཏོག་གཅིག་ལ་འདབ་མ་གསུམ》དང་གྲོགས་པོ་ཆུང་ཆུང་གཡང་ཕྱུག་སྐྱིད་ཀྱིས་བླངས་པའི་སྒྲུང་གླུ་ཚན་པ་ཞིག་དང་རྡུང་ལེན《རྟ་འདོ་བ་གཉིས་ལ་ལས་དབང་རེ》བཅས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རྩི་གོར་ཐང་གྲོང་རྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་མཚོ་བྱུང་ལྷ་མོ་སོགས་ཀྱིས་འཁྲབ་པའི་བསླབ་ཚན་ཟློས་གར《ར་མ་དང་སྤྱང་ཀི》ཞེས་པ་དང་རིས་སྒྲུང《གཡག་རྒོད་ལུ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས《ཚ་གདུག་ཆེ་བའི་ཕྱི་དྲོ》ཞེས་པ་བཀོད་སྒྲིག་བྱས་ཡོད།

མཁས་པ་བརྩད་ཅིང་མ་དྲིས་པ། །

དེ་ཡི་བར་དུ་གཏིང་མི་དཔོགས། །

རྔ་ལ་དབྱུག་གུས་མ་བསྣུན་པ། །

དེ་སྲིད་གཞན་དང་ཁྱད་ཅི་ཡོད། །

ས་སྐྱ་ལེགས་བཤད་ལས་དྲངས།

རྩི་གོར་ཐང་གྲོང་རྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་མཚོ་བྱུང་ལྷ་མོ་སོགས་ཀྱིས་འཁྲབ་པའི་བསླབ་ཚན་ཟློས་གར《ར་མ་དང་སྤྱང་ཀི》ཞེས་པའི་བརྙན་ཐུང་།


འཛམ་གླིང་གི་རིས་སྒྲུང་གྲགས་ཅན་གཡག་རྒོད་ལུ་ཞེས་པའི་བར་བཅུག་རི་མོ།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།