ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།
【ཅོ་ཀའི་དྲུག་འགྱུར】ནང་དུ་གངས་ལྷ་ཕུར་བུ་སྒྲོལ་མས་བླངས་པའི་གླུ་དབྱངས《ཕ་བཟང་གི་བུ་མོ》དང་ལས་དབང་ལྷ་མོས་བླངས་པའི་གླུ་དབྱངས《ཙོང་ཁའི་མེ་ཏོག》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་གཉིས་དང་རི་དྭགས་རུ་རུའི་གཏམ་རྒྱུད་ཅེས་པ་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་བྱིས་པའི་གཤིས་ཀ་ཚུལ་མཐུན་གྱིས་འཚར་ལོངས་འབྱུང་དགོས་ཞེས་པའི་ཁག་གསུམ་པ་བཀོད་སྒྲིག་བྱས་ཡོད།
བླུན་པོས་འཕྲལ་དང་ཕྱིས་གཉིས་ལས།།
འཕྲལ་ཏུ་བདེ་བ་མཆོག་ཏུ་བྱེད།།
རི་དྭགས་རུ་རུས་ཕན་བཏགས་པའི།།
མི་ངན་གྱི་ནི་སྤྱོད་ཚུལ་ལྟོས།།
-----དགེ་ལྡན་ལེགས་བཤད་ལས་དྲངས།།
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།