ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།
【ཅོ་ཀའི་དྲུག་འགྱུར】ནང་དུ་ཀླུ་མོ་ཡག་གིས་བླངས་པའི་གླུ་དབྱངས《བོད་པའི་བུ་མོ》དང་བཀྲ་ཤིས་སྒྲོལ་མས་བླངས་པའི་གླུ་དབྱངས《མེ་ཏོག་འཐུ་རོགས》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་སྐྱེ་བོ་ཡོན་ཏན་ཡོད་མེད་པའི།།བླང་དོར་བློ་གྲོས་ལྡན་པ་མཁས།།ཞེས་པའི་ལེགས་བཤད་དང་འབྲེལ་ནས་གཏམ་རྒྱུད་ཁག་གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ཆར་ཆུ་མོད་པའི་དུས་སུ་ཐོག་གི་གནོད་པར་ཇི་ལྟར་གཟབ་དགོས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
སྐྱེ་བོ་ཡོན་ཏན་ཡོད་མེད་པའི།།
བླང་དོར་བློ་གྲོས་ལྡན་པ་མཁས།།
རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས།།
ཁབ་ལེན་རྡོ་ཡིས་ལེན་པར་ཤེས།།
ས་སྐྱ་ལེགས་བཤད་ལས་དྲངས།།
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།