ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།
【ཅོ་ཀའི་དྲུག་འགྱུར】ནང་དུ་ཀླུ་མོ་ཡག་གིས་བླངས་པའི་གླུ་དབྱངས《གངས་ལྗོངས་བསྟོད་གླུ》དང་བསྟན་འཛིན་དབང་མོས་བླངས་པའི་གླུ་དབྱངས《མེ་ཏོག་གཅིག་ལ་འདབ་མ་གསུམ》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན།།རང་གི་ལག་ན་གནས་དང་མཚུངས།།ཞེས་པའི་ལེགས་བཤད་དང་འབྲེལ་ནས་སྐྱེས་ཆེན་ཚོས་དཀའ་བ་སྤྱད་པའི་གཏམ་རྒྱུད་ཁག་གསུམ་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ཆར་ཆུ་མོད་པའི་དུས་སུ་ཐོག་གི་གནོད་པར་ཇི་ལྟར་གཟབ་དགོས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
བརྩོན་པ་དག་དང་བྲལ་གྱུར་ན།།
དོན་ཆུང་ཡིན་ཡང་འགྲུབ་པར་དཀའ།།
བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན།།
རང་གི་ལག་ན་གནས་དང་མཚུངས།།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས།།
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།