ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
【ཅོ་ཀའི་དྲུག་འགྱུར】ནང་དུ་ལྷ་མོ་གཡང་འཛོམས་ཀྱིས་བླངས་པའི་གླུ་དབྱངས《སེང་གེ》དང་ནོར་བུ་རྒྱ་མཚོས་བླངས་པའི་གླུ་དབྱངས《མཉམ་དུ་རྩེད》བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་བྱེའུ་མགོ་དཀར་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་བོད་ཀྱི་སྲོལ་རྒྱུན་རྩེད་མོ་ལས་ཐེ་གེ་རྩེད་སྲོལ་དང་འབྲེལ་བའི་ཤེས་བྱ་ཐུང་ངུ་ཞིག་དང་ཕ་མ་ཤེས་རབ་ཅན་གྱིས་བུ་ཕྲུག་སྤྲོ་སྐྱིད་ཅན་གསོ་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཤེས་བྱ་ཁག་གཉིས་པ་བཀོད་སྒྲིག་བྱས་ཡོད།
ཀླད་ཆུང་རང་བཞིན་ངན་པ་ལ།།
ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས།།
རྩ་བ་ཏུག་ཏུ་གནས་པ་ཡི།།
མེ་ཏོག་མཛེས་ཀྱང་སུ་ལ་མཁོ།།
ཤིང་གི་བསྟན་བཅོས་ལས་དྲངས།།
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།