ན་ཆུང་བྱིས་པའི་དགའ་ཚལ། ཁྱིམ་ཚང་སློབ་གསོའི་ཤེས་བྱ་ཐུང་ངུ་།
2024.08.06 ཁུངས། ཀློག་གྲངས། 106

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་གངས་ཅན་ལྷུན་གྲུབ་ཀྱིས་བླངས་པའི་གླུ་དབྱངས《ཕ་མའི་གཅེས་ཕྲུག》དང་གླིང་མཚོ་སྐྱིད་ཀྱིས་བླངས་པའི་གླུ་དབྱངས《སྤྲོ་དགའི་རྩེད་གླུ》བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་ཕྱིའི་ཀློག་དེབ《མཚེའུ་མེ་ལོང》ལས་ཨ་ཁུ་རིག་བྷའི་ལུག་ཁྱུ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ཕ་མ་ཤེས་རབ་ཅན་གྱིས་བུ་ཕྲུག་སྤྲོ་སྐྱིད་ཅན་གསོ་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

སྨྲས་ཤིང་བསྐུལ་བར་གྱུར་པ་ན།

དུད་འགྲོ་ལ་ཡང་གོ་བ་སྐྱེས།།

མ་བསྐུལ་གཞན་གྱིས་མ་སྨྲས་པར།།

བསམ་པ་ཤེས་ན་མཁས་པ་ཡིན།།

                                                                                                  ས་སྐྱ་ལེགས་བཤད་ལས་དྲངས།།


མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།