ན་ཆུང་བྱིས་པའི་དགའ་ཚལ། འདབ་ཆགས་རྒྱལ་པོ་འདེམ་པའི་གཏམ་རྒྱུད།
2024.08.08 ཁུངས། ཀློག་གྲངས། 64

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་ཨོ་རྒྱན་སྐྱིད་ཀྱིས་བླངས་པའི་གླུ་དབྱངས《ཞོགས་པའི་ཉི་ཟེར》དང་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་རྡུང་ལེན《ཨ་ཁུ་པདྨ》བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་འདབ་ཆགས་རྒྱལ་པོ་འདེམ་པ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ཕ་མ་ཤེས་རབ་ཅན་གྱིས་བུ་ཕྲུག་སྤྲོ་སྐྱིད་ཅན་སྐྱེད་སྲིང་བྱེད་ཅེས་པའི་ཁྱིམ་ཚང་སློབ་གསོའི་ཤེས་བྱ་ཁག་གསུམ་པ་བཀོད་སྒྲིག་བྱས་ཡོད།

ཡོན་ཏན་དག་ལ་འབད་བྱ་ཡི།

འགྱིང་ཚུལ་བསྟན་པས་ཅི་ཞིག་བྱ།།

འོ་མ་མེད་པའི་བ་དག་ནི།།

དྲིལ་བུ་བཏགས་ཀྱང་ཉོར་མི་འགྱུར།།

ཚིགས་བཅད་བརྒྱ་བ་ལས་དྲངས།།

མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།