ན་ཆུང་བྱིས་པའི་དགའ་ཚལ། སློབ་འགོ་མ་བརྩམ་སྔོན་གྱི་གྲ་སྒྲིག་བྱ་བ།
2024.08.30 ཁུངས། ཀློག་གྲངས། 67

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།

【ཅོ་ཀའི་དྲུག་འགྱུར】ནང་དུ་གཡང་འཛིན་ལྷ་མོས་བླངས་པའི་གླུ་དབྱངས《སློབ་གྲྭར་འགྲོ》དང་གཡང་ཕྱུག་སྐྱིད་ཀྱིས་བླངས་པའི་སྒྲུང་གླུ《མེ་ཏོག་ལྡེམ་གླུ》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་དྲེད་ཕྲུག་སྤུན་གཉིས་ཞེས་པའི་གཏམ་རྒྱུད་ཅིག་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་བོད་ཡིག་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་ཁག་གསུམ་བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་སློབ་འགོ་རྩོམ་པར་སློབ་གྲོགས་ཆུང་ཆུང་ཚོས་ཕྱོགས་གང་དག་ནས་གྲ་སྒྲིག་བྱ་དགོས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

གཟུར་གནས་རིག་པར་ལྡན་པ་དེས།

གཞན་གྱི་ཡོན་ཏན་ལེན་པར་བྱེད།།

སྤང་ལྗོངས་གཙང་མའི་དལ་འགྲོ་མ།།

ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ།།

                                                                                                ཆུ་ཡི་བསྟན་བཅོས་ལས་དྲངས།།




མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།