ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བསྟན་འཛིན་ཟླ་སྒྲོལ་གྱིས་བླངས་པའི་གླུ་དབྱངས《ང་ཡི་དགེ་རྒན》དང་མིང་སྲིང་ཚན་སྡེབ་ཀྱིས་བླངས་པའི་གླུ་དབྱངས《ལུས་རྩལ་པ་ཆུང་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བྱིའུ་བ་བརྒྱ་བཤེར་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་ཀུན་སྤྱོད་ནི་ཤེས་བྱ་ལས་གཙོ། རྣམ་འགྱུར་ནི་ཐབས་ཤེས་ལས་གལ་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
ཤེས་རབ་ལྡན་པ་མགོ་སྐོར་ཡང་།།
བྱ་བའི་ཆ་ལ་རྨོངས་མི་འགྱུར།།
སྲོག་ཆགས་གྲོག་མ་མིག་མེད་ཀྱང་།།
མིག་ལྡན་གཞན་ལས་ལྷག་པར་མགྱོགས།།
ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས་དྲངས།།
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།