ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བསྟན་འཛིན་དབང་མོས་བླངས་པའི་གླུ་དབྱངས《མེ་ཏོག་གཅིག་ལ་འདབ་མ་གསུམ》དང་གངས་ཅན་སྒྲོལ་མས་བླངས་པའི་གླུ་དབྱངས《མཛའ་བརྩེའི་གླུ་གཞས》གཉིས་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་བུ་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་ཁག་གསུམ་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་བྱིས་པ་དཔེ་ཀློག་ལ་གོམས་པའི་ཐབས་ཤེས་ཞེས་པའི་ཁག་གསུམ་པ་བཀོད་སྒྲིག་བྱས་ཡོད།
བཤེས་ལ་མི་གུས་སྐྱེ་བོ་དེ།།
གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར།།
ཤིང་སྐམ་ལོ་བརྒྱ་ཆུར་འཕངས་ཀྱང་།།
ལོ་འདབ་སྐྱེ་བ་སྲིད་ན་མེད།།
ཤིང་གི་བསྟན་བཅོས་ལས་དྲངས།།
མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།