【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བསྟན་འཛིན་གླིང་རྒྱལ་གྱིས་བླངས་པའི་རྡུང་ལེན《ཨ་ཁུ་པདྨ》དང་མིང་སྲིང་ཚན་སྡེབ་ཀྱིས་བླངས་པའི་བྱིས་གླུ《ལུས་རྩལ་པ་ཆུང་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རྩི་གོར་ཐང་གྲོང་བརྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་ལྡེའུ་བསྐལ་བཟང་དཔལ་སྒྲོན་གྱིས་བཤད་པའི་གནའ་གཏམ《སྟག་བོང་བུ་གཉིས་ཀྱིས་མནའ་བཅད་པ》དང《ཁྲོན་པར་ལྷུང་བའི་མི》རིས་སྒྲུང་གྲགས་ཅན《བྱི་བ་ཆུང་ཆུང་གྲོང་ཁྱེར་དུ་ཕྱིན་པ》བཅས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བྱིས་པའི་ཀུན་སྤྱོད་སློབ་གསོ》ཁག་གསུམ་པ་དང་རི་མོར་བལྟས་ཏེ་རྩོམ་ཡིག་འབྲི་ཚུལ་ལས《སློབ་རའི་འཚོ་བ》བཅས་བཀོད་སྒྲིག་བྱས་ཡོད།
མཁས་པ་བརྩད་ཅིང་མ་དྲིས་པ། །
དེ་ཡི་བར་དུ་གཏིང་མི་དཔོག །
རྔ་ལ་དབྱུག་གུས་མ་བསྣུན་པ། །
དེ་སྲིད་གཞན་དང་ཁྱད་ཅི་ཡོད། །
ས་སྐྱ་ལེགས་བཤད་ལས་དྲངས།
རྩི་གོར་ཐང་གྲོང་བརྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་ལྡེའུ་སྐལ་བཟང་དཔལ་སྒྲོན།
རིས་སྒྲུང་གྲགས་ཅན《བྱི་བ་ཆུང་ཆུང་གྲོང་ཁྱེར་དུ་ཕྱིན་པ》ཞེས་པའི་བར་བཅུག་རི་མོ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།