【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་གུ་རུ་མཚོས་བླངས་པའི་བྱིས་གླུ《འགྲོ》དང་མིང་སྲིང་ཚན་སྡེབ་ཀྱིས་བླངས་པའི་བྱིས་གླུ《དགའ་སྤྲོའི་གཞས་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་མཁར་བྱམས་རྒྱལ་གྱིས་བཤད་པའི་གནའ་གཏམ《བཙུན་པ་གསུམ་གྱི་གཏམ་རྒྱུད》དང་བྱིས་སྒྲུང་གྲགས་ཅན《རྒྱལ་སྲས་དང་བུ་མོ་བཀྲིས་སྐྱིད》གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བྱིས་པའི་ཀུན་སྤྱོད་སློབ་གསོ》ཁག་བཞི་པ་དང་རི་མོར་བལྟས་ཏེ་རྩོམ་ཡིག་འབྲི་ཚུལ་ལས《ཡ་རུས་ཨ་མ་འཚོལ་བ》བཅས་བཀོད་སྒྲིག་བྱས་ཡོད།
རིག་པ་ནངས་པར་འཆི་ཡང་བསླབ། །
ཚེ་འདིར་མཁས་པར་མ་གྱུར་ཀྱང་། །
སྐྱེ་བ་ཕྱི་མར་བཅོལ་བ་ཡི། །
ནོར་ལ་རང་ཉིད་ལེན་པ་འདྲ། །
ས་སྐྱ་ལེགས་བཤད་ལས་དྲངས།
བྱིས་རྩོམ་འབྲི་ཚུལ་ལས《ཡ་རུས་ཨ་མ་འཚོལ་བ》ཞེས་པའི་བར་བཅུག་རི་མོ།
ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་བྱིས་སྐྱོང་ཁང་གྲོགས་པོ་ཆུང་ཆུང་མཁར་བྱམས་རྒྱལ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།