ན་ཆུང་བྱིས་པའི་དགའ་ཚལ། འཇིག་རྟེན་སྟེང་ཆེས་བཟང་བའི་ཨ་མ།
2024.11.22 ཁུངས། ཀློག་གྲངས། 64

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་ཀླུ་མོ་སྒྲོལ་མས་བླངས་པའི་བྱིས་གླུ《ཞོགས་པ་བདེ་ལེགས》དང་རྡོ་རྗེ་མཚོ་སྐྱིད་ཀྱིས་བླངས་པའི་བྱིས་གླུ《ཨ་ཁུ་ཉི་མ》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་ ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་མཁར་མོ་རྒྱལ་མ་བུ་གཉིས་ཀྱིས་བཤད་པའི་གནའ་གཏམ《འཇིག་རྟེན་སྟེང་ཆེས་བཟང་བའི་ཨ་མ》དང་བྱིས་སྒྲུང《ལོ་སྐོར་བཅུ་གཉིས་ཀྱི་བྱུང་བ》གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བྱིས་པའི་ཀུན་སྤྱོད་སློབ་གསོ》ཁག་ལྔ་པ་དང་རི་མོར་བལྟས་ཏེ་རྩོམ་ཡིག་འབྲི་ཚུལ་ལས《ལོ་མ》བཅས་བཀོད་སྒྲིག་བྱས་ཡོད།

ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །

མ་བསྡུས་པར་ཡང་རང་ཉིད་འདུ། །

དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །

བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །

ས་སྐྱ་ལེགས་བཤད་ལས་དྲངས།

ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་མཁར་མོ་རྒྱལ་མ་བུ་གཉིས་ཀྱིས་གནའ་གཏམ་འཁྲབ་བཤད་བྱེད་བཞིན་པ།

ལོ་སྐོར་བཅུ་གཉིས་ཀྱི་དཔེ་རིས།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།