ན་ཆུང་བྱིས་པའི་དགའ་ཚལ། གཡོ་སྒྱུ་ཆེ་བའི་ཝ་མོའི་གཏམ་རྒྱུད།
2025.01.13 ཁུངས། ཀློག་གྲངས། 76

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།

【ཅོ་ཀའི་དྲུག་འགྱུར】ནང་དུ་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་རྡུང་ལེན《ཨ་ཁུ་པདྨ》དང་གུ་རུ་མཚོས་བླངས་པའི་རྡུང་ལེན《འགྲོ》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་ངག་རྒྱུན་གཏམ་རྒྱུད《གཡོ་སྒྱུ་ཆེ་བའི་ཝ་མོ》བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་བྱིས་པའི་དགུན་གནང་གི་གུང་གསེང་ཇི་ལྟར་བཀོད་སྒྲིག་བྱས་ན་ལེགས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ།ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།