ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།
【ཅོ་ཀའི་དྲུག་འགྱུར】ནང་དུ་ཚེ་རིང་གཡང་འཛོམས་ཀྱིས་བླངས་པའི་གླུ་དབྱངས་གསར་བ《མཛེས་སྡུག་གི་རྩེ་ཁོག》བཀོད་སྒྲིག་བྱས་ཡོད་ལ་ཞོར་དུ་ཁ་པར་སྐུད་ལམ་སྦྲེལ་ནས་བཅར་འདྲི་ཐུང་ངུ་ཞིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་ཀོས་ནན་རྫོང་མི་རིགས་སློབ་ཆུང་གཉིས་པའི་སློབ་མ་ཚེ་མོ་ཐར་གྱིས་བཤད་པའི་ཡི་དྭགས་སྤུན་བཞི་ཞེས་པའི་གཏམ་རྒྱུད་ཅིག་དང་དར་ལག་རྫོང་རྒྱུ་སྨད་བཅའ་སྡོད་སློབ་ཆུང་གི་སློབ་མ་བསྟན་འཛིན་རྒྱ་མཚོའི་དཔེ་ཀློག་མྱོང་ཚོར། འཛུགས་སྐྲུན་ཡུལ་ཚོ་བཅའ་སྡོད་སློབ་ཆུང་གི་སློབ་བུ་ཆུང་ཆུང་ཚོས་བླངས་པའི་གེ་སར་སྒྲུང་གླུ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་བྱིས་པའི་བདེ་འཇགས་ཀྱི་སེམས་ཚོར་གསོ་སྟངས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
ཐེངས་འདིའི་ལེ་ཚན་གྱི་སྐུ་མགྲོན་ཆུང་ཆུང་ཚོ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་བ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་བ། དབང་གྲགས་ཚེ་རིང་།