ན་ཆུང་བྱིས་པའི་དགའ་ཚལ། ཕ་ཝང་དང་སྲེ་མོང་གི་གཏམ་རྒྱུད།
2025.04.28 ཁུངས། ཀློག་གྲངས། 0

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བསྟན་འཛིན་དབང་མོས་བླངས་པའི་བྱིས་གླུ《རྩེད་རོགས་ཆུང་ཆུང》དང་ཕག་མོ་ལྷ་བརྟན་དང་སངས་རྒྱས་མཚོ་གཉིས་ཀྱིས་བླངས་པའི་གླུ་ཤགས་ཚན་པ་ཞིག་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《མ་རྒན་སྒོར་སྤྱུགས་པ》དང་བྱིས་སྒྲུང《ཕ་ཝང་དང་སྲེ་མོང》ཁ་ཤགས《སློབ་གྲྭར་འགྲིམ་པ》བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བོད་ཀྱི་ལོ་ཙྭ་བ་སྔ་ཤོས་དང་གངས་ཅན་ཡུལ་གྱི་མཁས་པ་ཆེ་ཤོས་གསུམ་ངོ་སྤྲོད》དང་བྱིས་རྩོམ་གྱེར་འདོན་ལས་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ་ མགོན་པོ་དབང་འཛིན་གྱིས་བྲིས་པའི་བྱིས་རྩོམ《དུས་ཚོད་ནི་རྒྱལ་ཁ་ཡིན》བཅས་བཀོད་སྒྲིག་བྱས་ཡོད།

དར་ཆེན་གྲུ་གཟིངས་རྒྱ་མཚོའི་རྒྱན། ། སྤྲིན་བྲལ་ཟླ་བ་ནམ་མཁའི་རྒྱན། །

མཁས་པའི་སྐྱེ་བོ་བསྟན་པའི་རྒྱན། ། རུ་འདྲེན་དཔའ་བོ་དཔུང་གི་རྒྱན། །

ཆུ་ཤིང་བསྟན་བཅོས་ལས་དྲངས།

བྱིས་སྒྲུང《ཕ་ཝང་དང་སྲེ་མོང》གི་བར་བཅུག་རི་མོ།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།