ན་ཆུང་བྱིས་པའི་དགའ་ཚལ། AIསྒྱུ་འཕྲུལ་གླིང་གི་རིག་ནུས་འཚོ་བ།
2025.06.04 ཁུངས། ཀློག་གྲངས། 26

【ཅོ་ཀའི་དྲུག་འགྱུར】ནང་དུ་ན་ཆུང་གཞས་མ་བསྟན་འཛིན་ཀུན་གསལ་གྱིས་བླངས་པའི་བྱིས་གླུ《ང་དང་བྱེའུ་ཆུང་ཆུང》དང་ན་ཆུང་གཞས་པ་ཚེ་དབང་ནོར་བུས་བླངས་པའི་བྱིས་གླུ《འབའ་འདེབས་པ》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་བྱིས་པའི་རླུང་འཕྲིན་ཟློས་གར《ཁྭ་ཏས་གླིང་བུ་གཡར་བ》བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《AIསྒྱུ་འཕྲུལ་གླིང་གི་རིག་ནུས་འཚོ་བ》དང་བྱིས་རྩོམ་གྱེར་འདོན《བདག་གི་ཉིན་ཐོ།  བྱི་ལ་ཆུང་ཆུང་།》བཀོད་སྒྲིག་བྱས་ཡོད།

གཞན་གྱི་སྐྱོན་ཡོན་མཐོང་སླ་ཡང་། ། རང་གི་སྤྱོད་ཚུལ་མཐོང་བར་དཀའ། །

མཚོ་ནང་ནམ་མཁའི་ཟླ་སྐར་ཀུན། ། གསལ་ཡང་རང་གི་གཏིང་མི་མཐོང་། །

ཆུ་ཤིང་བསྟན་བཅོས་ལས་དྲངས།

ཐེངས་འདིའི་ལེ་ཚན་ནང་ཞུགས་པའི་ན་ཆུང་གཞས་མ་བསྟན་འཛིན་ཀུན་གསལ།

ཐེངས་འདིའི་ལེ་ཚན་ནང་ཞུགས་པའི་ན་ཆུང་གཞས་པ་ཚེ་དབང་ནོར་བུ།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།