【ཐོས་པ་དགའ་སྐྱེད】ནང་དུ་རྔ་བ་རྫོང་རྔ་སྨན་ཨ་ཁམས་གྲོང་རྡལ་བདེ་སྐྱིད་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་འཇམས་དབྱངས་སྒྲོལ་མ་དང་བསྟན་འཛིན་རིག་ལྡན། པདྨའི་འཛུམ་མདངས་བཅས་ལེ་ཚན་ཁྲོད་ཞུགས་ནས་བཤད་པ་དང་མཚར་གཏམ་སོགས་བཤད་ཡོད།
【ཅོ་ཀའི་དྲུག་འགྱུར】ནང་དུ་རྔ་བ་རྫོང་རྔ་སྨན་ཨ་ཁམས་གྲོང་རྡལ་བདེ་སྐྱིད་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་ཚོའི་མཉམ་ལེན《ཨ་ཁུ་སྟག》དང་ན་ཆུང་གཞས་མ་བསྟན་འཛིན་ཟླ་སྒྲོན་གྱིས་བླངས་པའི་བྱིས་གླུ《སློབ་གྲྭ་ལ་འགྲོ》གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《རྒྱལ་པོ་སྲོང་བཙན་སྒམ་པོའི་མཛད་པ་ཆེན་པོ་ལྔ་གང་དག་ཡིན》དང་བྱིས་རྩོམ་གྱེར་འདོན《གཅེས་སུ་རུང་བའི་ཕ་ཡུལ》བཀོད་སྒྲིག་བྱས་ཡོད།
འཇིག་རྟེན་འདི་དང་ཕ་རོལ་གྱི། ། བདེ་བ་བསྒྲུབ་པ་ཤེས་རབ་ཡིན། །
རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། ། བྲན་བཟང་འདི་དང་ཕྱི་མར་བསྐྱབས། །
ས་སྐྱ་ལེགས་བཤད་ལས་དྲངས།
རྔ་བ་རྫོང་རྔ་སྨན་ཨ་ཁམས་གྲོང་རྡལ་བདེ་སྐྱིད་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་བསྟན་འཛིན་རིག་ལྡན་དང་འཇམས་དབྱངས་སྒྲོལ་མ། པདྨའི་འཛུམ་མདངས་བཅས་ཀྱི་མཉམ་པར།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ་དང་ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།