ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་མེ་ཏོག་གངས་ལྷ་བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པ་ལས་ཚེ་དབང་མགོན་པོས་བླངས་པའི་གླུ་དབྱངས་སྙིང་ལ་རྗེ་མོ་ཞེས་པ་དང་ལས་དབང་ལྷ་མོས་བླངས་པའི་གླུ་དབྱངས་དགེ་རྒན་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ལྩི་བའི་ཞྭ་དང་འཇག་མའི་སྨྱུ་གུ་ཞེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་དབྱར་གནང་སྐབས་སུ་བྱིས་པའི་བདེ་འཇགས་ཐད་ནས་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་ཅེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་གྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།